作词 : 华尔贡
作曲 : 华尔贡
ཡང་ཡང་ཡག་གི་སྨོན་ལམ།
གཞས་ཚིག:དཔལ་མགོན།
གཞས་གདངས།:དཔལ་མགོན།
ལེན་མཁན།ཤེར་བསྟན།ཤར་མཚོ།
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།
རྫ་མགོ་དཀར་པོ་གངས་ཀྱིས་བརྒྱན།།
གངས་ཤེལ་གྱི་མཆོད་རྟེན་བཞེངས་འདྲ་རེད།།
དགུང་ཉི་མ་ཤར་ན་ཇེ་ཡག་རེད།།
གན་ཡང་ཡང་ཡག་གི་སྨོན་ལམ་འདེབས།།
རྫ་སྐེད་རྒྱ་རྫོང་ནགས་ཀྱིས་བརྒྱན།།
དར་ལྗང་ལོའི་སྐེ་རགས་བཅིངས་འདྲ་རེད།།
དབྱར་ན་བུན་འཐིབས་ན་ཇེ་ཡག་རེད།།
འདི་ལ་ཡང་ཡང་ཡག་གི་སྨོན་ལམ་འདེབས།།
རྫ་འདབ་སྔོན་མོ་སྤང་གིས་བརྒྱན།།
གོས་ལྗང་སྨུག་ཐང་ལ་བཏིང་འདྲ་རེད།།
དབྱར་མེ་ཏོག་བཞད་ན་ཇེ་ཡག་རེད།།
འདི་ལ་ཡང་ཡང་ཡག་གི་སྨོན་ལམ་འདེབས།།
རྫ་འདབ་སྔོན་མོ་སྤང་གིས་བརྒྱན།།
གོས་ལྗང་སྨུག་ཐང་ལ་བཏིང་འདྲ་རེད།།
དབྱར་མེ་ཏོག་བཞད་ན་ཇེ་ཡག་རེད།།
འདི་ལ་ཡང་ཡང་ཡག་གི་སྨོན་ལམ་འདེབས།།
© 2025 资源提供方声明:本站资源索引与互联网,本站不存储任何资源,版权归原作者,禁止用于非法用途。